གངས་ཕྲུགGangtruk

སྐད་རིགས་མང་པོ་ཤེས་ན་བཟང་མོད་ཀྱང་།། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།།


གངས་ཕྲུགGangtruk

ཡུན་རིང་རྗེས་སུ་ཕ་ཡུལ་དུ་སོང་སྟེ་རྨོ་རྨོ་དང་ཐུག་འཕྲད་བྱས་པའི་འདྲ་པར་སྙིང་ལ་རྗེ་མོ། 😍

3 months ago | [YT] | 132

གངས་ཕྲུགGangtruk

འབྲོག་སར་བསྐྱོད་པའི་འདྲ་པར་འགའ། བརྙན་བཤད་གང་མགྱོགས་ཡོང་།

9 months ago | [YT] | 127

གངས་ཕྲུགGangtruk

བོད་རྒྱལ་ལོ་༢༡༥༢ རབ་གནས་ཤིང་མོ་སྦྲུལ་ལོ་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ཉིན་མོར་གུས་པའི་ཁྱོད་བརྙན་ཚོགས་ཞུགས་ནང་མི་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་། ལོ་གསར་པའི་ནང་ཁྱེད་རྣམ་པ་ནད་མེད་ཚེ་རིང་དང་། བྱ་བ་ལམ་འགྲོ ཅི་བསམ་དོན་གྲུབ། ཡག་ཐོག་ཡག་བརྩེགས་ཡོང་བའི་སྨོན་འདུན་ཡང་ཡང་ཞུའོ།།

11 months ago | [YT] | 67

གངས་ཕྲུགGangtruk

བརྩེ་བའི་ཚོགས་བཞུགས་པ་ལྷན་རྒྱས་ཁམས་བཟང་། ད་ཆ་གཅེན་གཅུང་ངེད་གཉིས་ཕ་ཡུལ་དུ་ཡོད་པས་བརྡ་རྟགས་དང་དྲ་ལམ་ཡག་པོ་མེད་པར་བརྟེན། བརྙན་བཤད་དུས་ཐོག་ཡར་འཇུག་བྱ་རྒྱུ་མ་བྱུང་བར་དགོངས་སེལ་ཞུ།།

1 year ago | [YT] | 194

གངས་ཕྲུགGangtruk

༧རྒྱལ་བ་དོན་གྱི་བདག་པོ་མཆོག་དགུང་གྲངས་༨༩ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་ཡོལ་མོ་མི་དམངས་ཀྱི་འཚབ་ཞུས་ཏེ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ཁོང་ལ་འཁྲུངས་སྐར་གྱི་ཕྱག་རྟགས་ཡག་ཤོས་ནི་མི་རེ་ངོ་རེ་ནས་སེམས་པ་བཟང་པོ་བྱེད་དགོས་པ་དེ་ཡིན། དེ་ཕྱིར་༧རྒྱལ་བ་ཁོང་ཐུགས་མཉེས་པོ་དང་སྐུ་ཚེ་ཞབས་པད་བརྟན་ཕྱིར་རྟག་ཏུ་སེམས་པ་བཟང་པོ་བྱེད་རྒྱུ་གལ་ཆེའོ། གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག། 🙏🙏

1 year ago | [YT] | 194

གངས་ཕྲུགGangtruk

ལྷག་དཀར་བཟང་།

1 year ago | [YT] | 201

གངས་ཕྲུགGangtruk

པར་འདིར་བལྟས་ཏེ་སྙན་རྩོམ་ཐུང་ངུ་རེ་ཕྲིས། 😜

1 year ago | [YT] | 214

གངས་ཕྲུགGangtruk

སོ་ནམ་པ་ལས་ལ་གཞོལ་ཙམ་བྱས་པའི་འབྲས་བུར་ལག་ཏུ་ཆུ་ལྒང་ཐོན་བྱུང་། 🤪

2 years ago | [YT] | 154

གངས་ཕྲུགGangtruk

གུས་པའི་ཕ་སྐད་གཙང་མའི་གླེང་སྟེགས་གསན་གཟིགས་གནང་མཁན་ཡོངས་ལ་༢༠༢༤ སྤྱི་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།

2 years ago | [YT] | 180